ཁྲི་ལྡེ་གཙུག་བརྟན།
༡༽ ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་ཡོངས་སུ་སྤངས་ཏེ་ཐུགས་རྗེ་ཆེན་པོའི་ཆོས་འབའ་ཞིག་བསྒྲུབ་རྒྱུའི་བཀའ་དགོངས་ཕེབས་པ་ན། བློན་ཆེན་ཐོན་མི་དང་མགར་སྟོང་བཙན་གཉིས་བཀའ་འགུགས་ཀྱིས་ཇི་ལྟར་དགེ་བའི་གསང་གྲོས་མཛད།
༢༽ ཐོག་མར་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་ཟུར་ཞིག་ཏུ་ཆོས་རྒྱལ་ལ་གསང་བའི་སྒྲུབ་ཁང་ཞིག་བཞེངས། དེ་ནས་ལྕགས་ཁྱི་(ཕྱི་ལོ་༦༥༠)ལོར་ཆོས་རྒྱལ་དེར་གསང་བའི་སྒོ་ནས་སྐུ་མཚམས་ལ་བཞུགས།
༣༽ དེར་ཐོན་མི་དང་མགར་གྱིས་བཙུན་བློན་ནང་འཁོར་རྣམས་ལ་རྒྱལ་པོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ནས་མྱ་ངན་ལས་འདས་ཚུལ་བཤད་པས། ཚང་མ་ཡིད་ཆེས་ནས་ཕྱག་འཚལ་ཞིང་གསོལ་བ་བཏབ།
༤༽ བཙན་པོའི་སྐུ་མཆེད་གཅུང་བཙན་སྲོང་ལ་སྲས་ཁྱད་དུ་འཕགས་པ་ཞིག་ཡོད་ཅིང༌། དེ་ཆོས་རྒྱལ་གྱི་དབོན་སྲས་ཀྱང་ཡིན་སྟབས། བཙན་པོའི་རྒྱལ་ཁྲིར་མངའ་གསོལ་དགོས་པའི་བཀའ་བཀོད་མཛད།